2015-03-31

རིག་གནས་དྲི་ཤོག












ཕྱི་ལོ་ ༢༠༡༥ ལོའི་བསྡུས་གྲྭ་ནས་དགེ་འདུན་ཉི་ཤུ་དབར་གྱི་རིག་གནས་དྲི་ཤོག་ཁག


 ༡ གཞུང་གསར་འཛིན་གྲྭའི་རིག་གནས་དྲི་ཤོག


གཤམ་གསལ་དྲི་བ་བཅུ་གཉིས་ལས་བདུན་ལ་ལན་ངེས་པར་དུ་འབྲི་དགོས། ཀ་རྟགས་ཅན་གཉིས་ལ་ཨང་བརྒྱད་རེ་དང་གཞན་རྣམས་ལ་ཨང་དྲུག་རེ་དང། དག་གཙང་མཛེས་གསུམ་ལ་ཨང་བཞི་བཅས་ཡོད། སློབ་ཚན། ལྗོན་དབང་།   བརྒྱ་ཆ་ ༼ ༥༠ ༽ ཚོགས་ཡུལ། ཁམས་ཚན་གསར་པ། དུས་ཡུན་ཚོུད་གསུམ།
དྲི་བ་དང་པོ།  ལེགས་བཤད་ལྗོན་དབང་གི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་བའི་གཞུང་ངོས་བཟུང་ནས་ཚིག་འགྲེལ་ཕྲིས།
དྲི་བ་གཉིས་པ། སྔོན་འཇུག་དང་རྗེས་འཇུག་ཡང་འཇུགམིང་གཞི་བཅས་ཀྱི་གོ་དོན་དང་། སྔོན་རྗེས་ཡང་གསུམ་དང་། མིང་གཞི་ལ་ཁྱད་པར་མུ་གསུམ་སོགས་གང་ཡོད་དམ་གསལ་བར་ཕྲིས།
དྲི་བ་གསུམ་པ། ཚིག་ཕྲད་དང་རྣམ་དབྱེ་གཉིས་ཀྱི་གོ་དོན་དང་། དེ་གཉིས་ལ་མུ་གསུམ་མུ་བཞི་སོགས་ཁྱད་པར་གང་ཡོད་གསལ་བར་ཕྲིས།
དྲི་བ་བཞི་པ། རྣམ་དབྱེ་གཉིས་པ་དང་། བཞི་པ་གཉིས་ཀྱི་ཁྱད་པར་དང་སོ་སོའི་དཔེ་བརྗོད་གསུམ་རེ་ལས་མ་ཉུང་བར་ཕྲིས།
དྲི་བ་ལྔ་པ།ཀ་རྟགས་ཅན།  དེ་ཉིད་ཚེ་སྐབས་རྣམས་ལའང་འཇུག་ཅེས་པའི་ཚེ་སྐབས་ཀྱི་གོ་དོན་དང་། རྗེས་འཇུག་ན་ར་ལ་གསུམ་ད་དྲག་ཅན་གྱི་མཐར་ཕྲད་གང་ཐོབ་ཀྱི་ཚེ་སྐབས་ཀྱི་དཔེར་བརྗོད་རེ་བྲིས་གནང་རྒྱུ།
དྲི་བ་དྲུག་པ། ཀ་རྟགས་ཅན། གཤམ་གསལ་དཔེ་བརྗོད་རྣམས་རྣམ་དབྱེ་གང་དང་གང་ཡིན་མིན་སོགས་ངོས་འཛིན་གསལ་བར་ཕྲིས། མཛེས་སྡུག་གི༵་རྩྭ་ཐང་དུ༵་བཀྲིས་ཀྱིས་གླུ་ངག་གྱེར། མཁའ་དབྱིངས་སུ༵་འཇའ་ཚོན་བཀྲ། རྒྱབ་ཏུ༵་དཔེ་ཁུག་འཁུར།། ཉི་ཤར་དུ༵་སློབ་གྲྭར༵་འགྲོ། རྩྭ་ཐང་ནས༵་འོང་བའི་བོད་ཕྲུག བོད་ཕྲུག་ལ༵་མཁས་པ་མང་། སློབ་སྦྱོང་ཡར་རྒྱས་སུ༵་ཕྱིན། མཆོག་གསུམ་ལ༵་སྐྱབས་བཅོལ་། གླིང་འདིར༵་མཁའ་པ་མང་། ཡོན་ཏན་ལོན་པར༵་བརྩོན་འགྲུས་བགྱི།
དྲི་བ་བདུན་པ། འབྱེད་སྡུད་བསྟན་པའི་ལྗོད་དབང་རྩ་བ་ངོས་བཟུང་སྟེ། དེ་གཉིས་ཀྱི་གོ་དོན་དང་། གམ་སོགས་འབྱེད་སྡུད་མ་ཡིན་པའི་དོན་གཞན་ལ་འཇུག་པ་ཡོད་དམ་མེད། ཡོད་ན་གང་དང་གང་ལ་འཇུག་གསལ་བར་ཕྲིས།
དྲི་བ་བརྒྱད་པ། དང་སྒྲ་དོན་གང་དག་ལ་འཇུག་ངོས་བཟུང་སྟེ་དཔེར་བརྗོད་རེ་བྲིས་གནང་རྒྱུ།
དྲི་བ་དགུ་པ། སྤྱི་སྒྲའི་གོ་དོན་དང་། དེའི་ཕྲད་རྣམས་དོན་གྱི་སྦྱོར་ཚུལ་སྐབས་ཚིག་གྲོགས་གང་དང་གང་གི་རྗེས་སུ་སྦྱར་དགོས་པ་ཡིན་ནམ།
དྲི་བ་བཅུ་པ། ལྗོད་དབང་རྩ་བར། ན་རོ་ཡོད་མེད་པ་བ་མ། བདག་པོའི་སྒྲ་ཞེས་པའི་བདག་སྒྲའི་གོ་དོན་དང་། ཕྲད་དྲུག་པོ་རེ་རེ་འཐོབ་པའི་བདག་སྒྲའི་དཔེ་བརྗོད་རེ་ཕྲིས།
དྲི་བ་བཅུ་གཅིག་པ།  ལྗོན་དབང་ལས་ཚིག་ཕྲད་ཞིང་སོགས་ཞེས་པའི་ཚིག་ཕྲད་དུ་ཡོད་ངོས་བཟུང་ནས་རྟག་འཐར་སྦྱོར་ཚུལ་ལྗོན་དབང་ལྟར་ཕྲིས།
དྲི་བ་བཅུ་གཉིས་པ། ཚེག་ཤད་འཇུག་སྟངས་ལས་ཚེག་ཤད་དང་། ཆིག་ཤད། ཉིས་ཤད། བཞི་ཤད་བཅས་ཐོབ་ཡུལ་ཇི་ཡོད། དེ་དག་གང་ཡིན་ནམ།

༢ དགེ་འདུན་ཉི་ཤུའི་འཛིན་གྲྭའི་རིག་གནས་དྲི་ཤོག

གཤམ་གསལ་དྲི་བ་བརྒྱདལས་དྲུག་ལ་ལན་ངེས་པར་དུ་འབྲི་དགོས།
སློབ་ཚན། རྟགས་འཇུག  སྤྱི་སྙོམས་བརྒྱ་ཆ་ ༼ ༥༠ ༽ ཚོགས་ཡུལ། ཁམས་ཚན་གསར་པ། དུས་ཡུན་ཚོུད་གསུམ །
དྲི་བ་དང་པོ། རྟགས་འཇུག་གི་གཞུང་འདིར་བསླབ་པའི་དགོས་པ་དང་གཞུང་འདི་ལ་རྟགས་འཇུག་གི་མིང་འདོགས་ཚུལ་གང་ཡིན་བྲིས།
དྲི་བ་གཉིས་པ། སྔོན་རྗེས་མིང་གཞི་གསུམ་གྱི་རྟགས་ཀྱི་དབྱེ་བ་གང་ཡོད་སོ་སོར་བྲིས།
དྲི་བ་གསུམ་པ། སྔོན་འཇུག་གི་ཅིའི་ཕྱིར་འཇུག་པར་བཤད་པའི་སྐབས་སུ་ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར་ཞེས་སོགས་ཤོ་ལོ་ཀ་གཅིག་དེ་ངོས་བཟུང་ནས་དཔེར་བརྗོད་དང་སྦྱར་ནས་འགྲེལ་བཤད་རགས་ཙམ་ཞིག་བྲིས།
དྲི་བ་བཞི་པ། དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག  ཐོར་བུ་པ་གསུམ་གྱི་གང་ཡང་རུང་བའི་གོ་དོན་དང་དཔེར་བརྗོད་རེ་ཕྲིས།
དྲི་བ་ལྔ་པ། དགྲ་སོགས་བཅོམ་ལྟ་བུ་དང་། བྱ་བ་བསྒྲུབ་ལྟ་བུ། རིག་གནས་མཁས་ལྟ་བུའི་བྱ་ཚིག་གསུམ་གྱི་དུས་གསུམ་སྐུལ་ཚིག་དང་བཅས་པ་ངོས་འཛིན་གསལ་པོར་ཕྲིས།
དྲི་བ་དྲུག་པ། བྱ་ཚིག་དབྱེ་བ་དགུ་ལྡན་གྱི་ལས་ཚིག་ངོས་འཛིན་ནས་དགུ་ཕྱེ་ཚུལ་དཔེར་བརྗོད་དང་སྦྱར་ནས་ཕྲིས།
དྲི་བ་བདུན་པ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བའི་སྐབས་སུ་པྲ་ཏི་དགེ་བཤེས་དང་སུ་ཏུ་པཎ་ཆེན་གཉིས་ཀྱི་འདོད་ཚུལ་སོ་སོར་ནས་ཕྲིས།
དྲི་བ་བརྒྱད་པ། བྱ་ཚིག་གི་གོ་དོན་དང་། བྱ་བྱེད་ཐ་དད་པའི་བྱ་ཚིག  ཐ་མི་དད་པའི་བྱ་ཚིག་གཉིས་ཀྱི་ཁྱད་པར་  
                                                                                                        གསལ་པོར་ཕྲིས།

༣ དྲང་ངེས་འཛིན་གྲྭའི་རིག་གནས་དྲི་ཤོག

གཤམ་གསལ་དྲི་བ་བརྒྱདལས་དྲུག་ལ་ལན་ངེས་པར་དུ་འབྲི་དགོས།
སློབ་ཚན། དཀའ་གསལ།  སྤྱི་སྙོམས་བརྒྱ་ཆ་ ༼ ༥༠ ༽ ཚོགས་ཡུལ། ཁམས་ཚན་གསར་པ། དུས་ཡུན་ཚོུད་གསུམ།

དྲི་བ་དང་པོ། དཀའ་གནད་གསལ་བའི་མེ་ལོང་གི་མཆོད་བརྗོད་དུ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད།། གཞོན་ནུའི་གཟུགས་ཀྱི་རྣམ་རོལ་བར།། རྗེ་བཙུན་བརྟན་པའི་འཁོར་ལོ་དང་།། དབྱེར་མེད་བླ་མའི་ཞབས་བཏུད་ནས།། ཞེས་པའི་མཆོད་བརྗོད་དེར་ཚིག་འགྲེལ་གང་རྒྱས་ཤིག་ཕྲིས།
དྲི་བ་གཉིས་པ། སྤྱིར་བོད་ཀྱི་བརྡ་སྤྲོད་རིགས་པ་ནི། མིང་དང་། བྱ་ཚིག ཕྲད། རྣམ་དབྱེ་བཅས་ལ་མི་རྨོངས་པར་བྱེད་པ་ལ་གཞུང་གང་དང་གང་སྦྱོང་དགོས་སམ་གསལ་པོར་ཕྲིས།
དྲི་བ་གསུམ་པ། སྤྱིར་ཡི་གེའི་རྟགས་ཀྱི་དབྱེ་བ་དང་། བྱེ་བྲག་མིང་གཞིའི་རྟགས་ཀྱི་དབྱེ་ཚུལ་ཇི་ལྟར་ཡིན་གསལ་པོར་ཕྲིས།
དྲི་བ་བཞི་པ། གསལ་བྱེད་ཡི་གེ་རྣམས་སྡེ་ཚན་ལྔར་བསྡུས་ཚུལ་དང་། སྡེ་ཚན་ལྔ་པོ་རེ་རེའི་གོ་དོན་བཅས་ཕྲིས།
དྲི་བ་ལྔ་པ། སྔོན་འཇུག་རྟགས་ཀྱི་དབྱེ་བ་སྟོན་པའི་རྩ་ཚིག་ངོས་བཟུང་ནས་རྟགས་ཀྱི་དབྱེ་ཚུལ་ཇི་ལྟར་ཡིན་གསལ་པོར་ཕྲིས།
དྲི་བ་དྲུག་པ། སྔོན་འཇུག་གི་ཕོ་བ་ཡིག་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་གང་དང་གང་ཡིན་ངོས་བཟུང་སྟེ་དཔེར་བརྗོད་རེ་མ་ནོར་བར་ཕྲིས།
དྲི་བ་བདུན་པ། བྱ་བྱེད་ལས་གསུམ་དང་། དངོས་པོ་བདག་གཞན་བཅས་ཀྱི་གོ་དོན་དང་། དཔེར་བརྗོད་བཅས་ཕྲིས།
དྲི་བ་བརྒྱད་པ། དུས་གསུམ་བཤད་པའི་དགོས་པ་དང་། དུས་གསུམ་སྟོན་པའི་བྱ་ཚིག་གི་དཔེར་བརྗོད་ལྔ་ལས་མ་ཉུང་བ་ཞིག་ཕྲིས།

                                                                                             དགེ་ལེགས་འཕེལ།




༤ བསྡུས་གྲྭ་དང་རྟགས་རིགས་འཛིན་གྲྭའི་རིག་གནས་དྲི་ཤོག

གཤམ་གསལ་དྲི་བ་བདུན་ནས་ལྔ་ལ་ལན་ངེས་པར་དུ་འབྲི་དགོས། སློབ་ཚན། དག་ཡིག  སྤྱི་སྙོམས་བརྒྱ་ཆ་ ༼ ༥༠ ༽ ཚོགས་ཡུལ། ཁམས་ཚན་གསར་པ། དུས་ཡུན་ཚོུད་གསུམ།

དྲི་བ་དང་པོ།   འོག་གི་ཚིག་རྣམས་ལ་ཚིག་གྲོགས་རེ་ཕྲིས། ཨང་༡༠ཡོད།
དཀའ། བཀའ། སྐར། བཀུར། སྐྱོང་། འཁར། མཁར། ཁུང་། ཁུངས། གོམ། གོམས། རྒྱ། བརྒྱ། གྲོན། རྒན། རྒ། སྒ། དགའ། དགུང་། དགོང་།
དྲི་བ་གཉིས་པ། གཤམ་གྱི་མིང་ཚིག་དེ་དག་ལ་ཚིག་སྒྲུབ་བཟོ་རོགས།  ཨང་༡༠་ཡོད།
སྐད་རིགས། སྐྱ་རེངས་། ཁེར་རྐྱང་། གློག་བརྙན། ཁ་བ། སློབ་ཁྲིད། གུས་ཞབས། དགའ་སྤྲོ། སྒྲ་སྙན། དངངས་སྐྲག
དྲི་བ་གསུམ་པ། གཤམ་གྱི་མིང་ཚིག་རྣམས་ལ་ནོར་བཅོས་གནང་རོགས།  ཨང་༡༠ཡོད།
སློབ་གྲོག  རྐུབ་ཅག  ལྷ་གླུ།   ཀླུ་དབྱང་།  དགོང་ཞུ།  དབྱར་རྒུན།  བཙན་བཅོལ།  སྒྲིག་ཁྲིམས།  སླབ་གྲ།  གྲང་ཀ་རྔ།
དྲི་བ་བཞི་པ། མིང་ཚིག་འདི་དག་གཤམ་གྱི་གུག་རྟགས་ནང་དུ་ཁ་སྐོང་བྱོས། ཨང་༡༠ཡོད།
སྐུ་གཟུགས། ལེགས་སྐྱེས། བླ་མ། དགེ་རྒན། དགོང་མོ། ལོ་ཐོག་བརྔ། སྒེའུ་ཁུང་།
རྩེ་ཕུད་ལ་(                )ཕུལ། །  (               )ལ་འཕྲོད་བསྟེན་གནང་། ཕོ་བྲང་དུ(              )མཇལ།
སྟོན་དུས་སུ(             ) ཁང་པའི་(              )ནས་ཕྱི་རོལ་བལྟས། སློབ་ཁང་དུ(              )སླེབས།
དྲི་བ་ལྔ་པ།   གྲྭ་པའི་ཡོ་བྱད་ལྔ་ལས་མི་ཉུང་བ་ཞིག་གི་མིང་མ་ནོར་བར་ཕྲིས། ཨང་༡༠ཡོད།
དྲི་བ་དྲུག་པ།    ཁྱེད་རང་སྤྲོ་སྣང་ཆེ་ཤོས་ཀྱི་ཉིན་མོ་ཞིག་གི་ཉིན་ཐོ་ཞིག་བྲིས། ཨང་༡༠ཡོད།
དྲི་བ་བདུན་པ།     གཤམ་གྱི་མིང་ཚིག་དག་གི་གོ་དོན་རེ་ཕྲིས། ཨང་༡༠ཡོད།
རྒན་རབས། བྲོས་བྱོལ། དགོང་ཚོགས། བླང་དོར། མགུལ་རྒྱན།

                                                                                                                     དགེ་ལེགས་འཕེལ།












0 མཆན།:

དཔྱད་མཆན་སྤེལ།